top of page

དམིགས་ཡུལ་གྱི་གཙོ་བོ།

༄༅། །སྤྱིར་དགོན་པ་ཞེས་པ་ནི་གྲོང་དང་ཉེ་བར་མི་གནས་པར་དགོན་པའི་ཕྱོགས་སུ་ཁ་ཞུ་སིམ་མེར་ནས་ཆོས་བྱེད་བའི་སྣ་ཚོགས་རྒྱུན་ལྡན་དུ་ཐོས་བསམ་སྒོམ་གསུམ་གྱིིས་དུས་དགའ་བར་བྱེད་པའི་གནས་ཁྱད་པར་བ་ཞིག་ཡིན་པ་དང་། ལྷག་པར་གཞི་རྒྱ་ཆེ་བའི་གདན་ས་ཁག་ལྟ་བུ་ཡིན་ན། འཇམ་གླིང་གི་སྐྱེ་འགྲོ་ཡོངས་ལ་ཞབས་འདེགས་ཞུ་བྱེད་དཔལ་ན་ལེན་ཌྲ་ནས་བརྒྱུད་པའི་ཆོས་རྒྱུད་དྲི་མ་མེད་པ་རྣམས་ལ་རིགས་ལམ་ནས་བསྟན་ཤ་མཐིན་ཕྱིན་པ་གཙོས་པའི་མ་དགོན་རྣམ་གཙུག་ལག་སློབ་གཉེར་ཁང་ཞིག་ཀྱང་རེད། དེ་འདྲ་བའི་ལོ་དུས་ཡུན་རིང་ལྡན་པའི་སློབ་གཉེར་ཁང་ཞིག་ཡུལ་དུ་གནས་པ་ལ་དེར་ཁྲུགས་ཆོས་བྱེད་དགེ་འདུན་པ་གྲྭ་ཚོགས་ཇི་ཙམ་ཆེ་ན་དེ་ཙམ་གྱི་སློབ་གཉེར་སོགས་གང་ཅིའི་ཐད་ལ་གནོན་ཤུགས་ཆེ་བ་ཡོང་བ་ལ་བརྟེན་འདི་ག་དགའ་ལྡན་ཤར་རྩེའི་ཡ་གྱལ་དཔལ་ལྡན་ལྷོ་པ་ཁང་ཚན་ནས་ཀྱང་། སྤྱིར་མཉམ་མེད་བུ་རམ་ཤིང་བའི་བསྟན་པ་འདི་ཉིད་ཡིན་དུ་གནས་པ་དང་། རྒོས་སུ་རི་བོ་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་མཉམ་མེད་ཙོང་ཁ་པ་ཆེན་པོའི་བསྟན་པ་གསེར་སྦྱང་བཙོ་མ་ལྟ་བུ་འདི་ཉིད་ཕྱོགས་ཀུན་ཏུ་རྒྱས་པ་དང་། ལྷག་པར་དུ་ཁང་ཚན་འདི་ཉིད་ཀྱི་སྔོན་བྱོན་གྱིི་རྒན་རབས་པ་རྣམས་ཀྱི་ཤུལ་གཞན་རིགས་གཞུང་སོགས་མི་ཉམས་རྒྱུན་འཛིན་ཡོང་ཆེད་རིས་མེད་རྒྱལ་ཁབ་ཁག་དང་། ཡུལ་ལུང་སོ་སོ་ནས་གྲྭ་རྒྱུན་གསར་བཅུག་སྡོད་ཁང་གསར་རྒྱག མདོར་ན་ཆོས་བྱེད་སློབ་གཉེར་བ་རྣམས་ལ་མཐུན་རྐྱེན་གང་ལེགས་ཡོང་བའི་ཆེད་དུ། དད་ལྡན་བསྟན་པའི་སྦྱིན་དག་ཁག་ནས་རོགས་རམ་ཇི་བྱུང་ཐོ་ཅད་དངོས་དང་བརྒྱུད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། འགྲོ་བའི་བདེ་རྩ་ཁོ་ནས་དམིགས་ནས་ཡང་ཤིང་རྒྱ་མཚོ་ཆེ་བས་བསྟན་པ་དང་འགྲོ་ལ་སྨན་པ་རྒྱ་ཆེར་ཡོང་བའི་འདུས་ཚོགས་ཞིག་བསྐྲུན་དང་བསྐྲུན་བཞིན་མཆིས།

Let's Get
Social

  • Facebook
  • Twitter
  • LinkedIn
  • Instagram
bottom of page